ཞི་བའི་ལྗོངས་རྒྱུར་ཕེབས་པའི་སྟོན་པའི་ཉན་ཐོས། འདི་ནས་རྩིས་པའི་ལོ་ངོ་ཉིས་སྟོང་ལྷག ། ཞི་བར་གཤེགས་པ་དྲོང་སྲོང་ཐུབ་པའི་དབང་།། དེ་ཡི་རྗེས་འཇུག་དགེ་སྦྱོང་ཁྱུ་ཚོགས་ཤིག ། ཞི་བའི་ལྗོངས་རྒྱུ་ཕེབས་པའི་བརྙན་ལམ་མཇལ།། ཐེ་ལན་ཌཱ་སོགས་རྒྱལ་ཁབ་ཁ་ཤས་ནས།། ད་རེས་དགེ་འདུན་འདི་དག་ཡིན་པ་སེམས།། ཨ་རིའི་མངལ་སྡེ་ཡུལ་ནས་མགོ་བརྩམས་ཏེ།། ཞི་བདེའི་འགྲུལ་བཞུད་ལྗོངས་རྒྱུ་ཕེབས་པ་དང་།། སྤྱི་ལེའི་སྟོང་ཕྲག་བརྒལ་བའི་ལམ་ངོགས་སུ།། ཞི་དུལ་སྤྱོད་པ་འཇམ་པའི་དགེ་འདུན་སྡེ།། ཞབས་ཐང་རྒྱང་ལ་ཕེབས་པའི་འོད་སྣང་དེར།། གདེང་འཇོག་གང་མང་བྱས་པའི་མཆོད་འབུལ་འཐོར།། གྲོང་ཁྱེར་གྲོང་བརྡལ་བརྒྱུད་པའི་ཕེབས་ལམ་ནས།། བག་ཡོད་ཚུལ་མཐུན་སྣམ་ཕྲན་ཕྲག་ཏུ་བསྣམས།། ཨ་རིའི་དམངས་གཙོ་མི་མང་དད་མོས་བྱས།། མཆོད་འབུལ་མེ་ཏོག་ཅི་རིགས་རྒྱ་ཆེར་སྤྲོས།། ཞི་བའི་གོམ་འགྲོས་སྙེག་པའི་རྡོག་སྒྲ་རེར།། སེམས་ཀྱི་ཞི་བདེ་འཚོལ་བའི་དྲན་སྐུལ་བྱས།། དད་སེམས་དམངས་ལ་བཏབ་པའི་སྣང་བརྙན་རེར།། སྐྱེ་བོའི་ཁྲི་མ་འབུམ་གྱིས་བསུ་མ་བྱས།། ཞབས་ཐང་ཡུན་རིང་བསྐྱོད་པའི་ཕེབས་ལམ་ན།། འགའ་ཞིག་དགའ་བ་འཛུམ་གྱིས་བསུ་བ་བྱས།། འགའ་ཞིག་སྨོན་པའི་ཚིག་གིས་སྐྱེལ་མ་བྱས།། འགའ་ཞིག་དད་པའི་ཐལ་སྦྱར་པདྨ་བཀོད།། མཚོན་ཆའི་མདེལ་ལམ་སྐོང
00:00 / 00:56
连播
清屏
智能
倍速
点赞10
00:00 / 01:57
连播
清屏
智能
倍速
点赞4323
00:00 / 04:20
连播
清屏
智能
倍速
点赞16
00:00 / 03:01
连播
清屏
智能
倍速
点赞735
Dor 🔅1周前
ཐེ་ལན་ཌཱི་སོགས་རྒྱལ་ཁབ་མི་གཅིག་པ་ཁ་ཤས་ནས་ཡོང་བའི་ནང་པའི་དགེ་སློང་བཅུ་དགུ་ཡིས། འཛམ་གླིང་ཞི་བདེ་དང་བྱམས་བརྩེ་ལ་འབོད་བསྐུལ་ཞུ་བའི་འགྲུལ་བཞུད་གཅིག་ཨ་རི་ནས་མགོ་བརྩམས་ཏེ། ད་ཆ་སྤྱི་ལེ་བཞི་སྟོང་ལ་ཉེ་བར་ཞབས་ཐང་དུ་ཕེབས་ཡོད་ཅིང་། འགྲུལ་བཞུད་དེས་འཛམ་གླིང་གི་མི་མང་པོར་སེམས་འགུལ་ཐེབས་སུ་བཅུག་ཡོད། ཨ་རིའི་གྲོང་ཁྱེར་དང་གྲོང་བརྡལ་མང་པོར་བརྒྱུད་ནས་འགྲོ་སྐབས། དེ་གའི་མི་དམངས་དག་གིས་ཀྱང་ཚད་མཐོའི་གདེང་འཇོག་དང་དད་མོས་བྱས་ཤིང་། ལམ་ཐག་ངེས་ཅན་རེའི་བར་དུ་ཁོང་ཚོའི་རྗེས་དེད་ནས་འགྲོ་བ་དང་། དགེ་སློང་དག་གི་ཕེབས་ལམ་དུ་མེ་ཏོག་གི་མཆོད་པ་འབུལ་བ་སོགས་བྱས་ཏེ་བྱམས་བརྩེ་དང་ཞི་བདེ་ལ་དྲན་སྐུལ་ཞུ་བཞིན་འདུག། ད་དུང་ཨ་རིའི་ས་གནས་རེ་རེའི་མི་དམངས་ཉེན་རྟོག་པ་དག་གིས་ཀྱང་། ཁོ་ཚོ་ལ་གཟི་བརྗིད་ཀྱི་རྟགས་མ་སྣ་ཚོགས་པ་ཕུལ་འདུག། འདི་ནི་མི་ལོ་ཉིས་སྟོང་ལྔ་བརྒྱའི་གོང་རོལ་ཏུ་བྱོན་པའི་རྒྱལ་བུ་དོན་ཀུན་གྲུབ་པའི་རྗེས་སུ་ཞུགས་པའི་ནང་པའི་དགེ་སྦྱོང་འགའ་ཞིག་གིས། འགད་མདེལ་དང་རྡུལ་ཕྲན་མཚོན་ཆ་སྣ་ཚོགས་ཀྱིས་ཁེང་པའི་འཇིག་རྟེན་ཏུ་དབུ་རེག་ཞབས་རྗེན་དུ་ཕེབས་ཏེ། ཆེས་ཞི་འཇམ་གྱི་སྤྱོད་པའི་གང་ལས་ཀྱང་གདུག་རྩུབ་ཆེ་བའི་མཚོན་ཆ་ལ་ངོ་རྒོལ་གྱི་གཡུལ་བཤམ་པ་རེད།
00:00 / 01:15
连播
清屏
智能
倍速
点赞250
00:00 / 02:56
连播
清屏
智能
倍速
点赞482
00:00 / 00:52
连播
清屏
智能
倍速
点赞20
00:00 / 02:29
连播
清屏
智能
倍速
点赞21
00:00 / 00:55
连播
清屏
智能
倍速
点赞8