00:00 / 04:37
连播
清屏
智能
倍速
点赞41
00:00 / 34:40
连播
清屏
智能
倍速
点赞933
00:00 / 01:43
连播
清屏
智能
倍速
点赞124
༄༅།། རྗེ་ཙོང་ཁ་བ་ཆེན་པོས་རང་གི་ཨ་མ་ལ་བསྐུར་བའི་འཕྲིན་ཡིག       བླ་མ་དང་མགོན་པོ་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ།   ། བརྩེ་བ་མཚོ་ལས་ཟབ་ཅིང་དུང་བ་རི་ལས་ལྕི་བའི་ཨ་མ་ཤིང་བཟའ་ཨ་ཆོས་ལགས་ཀྱི་དྲུང་དུ།  ཁྱེད་དང་ཕུ་ནུ་མིང་སྲིང་ཚང་མ་བདེ་མོ་ཨི་ཡིན།             ཚོང་དཔོན་ནོར་བུ་བཟང་པོ་བརྒྱུད་དེ་བསྐུར་པའི་ཨ་མའི་སྐྲ་ཡི་ལན་བུ་དང་སྲིང་མོས་བཟོས་པའི་སྣམ་བུའི་ཐུལ་བ།  ནུ་བོས་ཟི་ལིང་ནས་ཉོས་པའི་བ་སོའི་ཕྲེང་བ།  ཕ་རྒན་གྱིས་བེད་སྤྱོད་ལོ་མང་བྱས་པའི་མ་ཎི་ལག་འཁོོར་སོགས་འབྱོར་བ་དགའ་སྤྲོ་འཕེལ་ཞིང་།  དངོས་པོ་འདི་དག་གིས་ང་ཚོ་ལྷན་འཛོམས་པའི་སྣང་བ་ཞིག་ཀྱང་སྐྱེ་རུ་བཅུག་སོང་།  ཁྱད་པར་དུ་ཨ་མའི་སྐྲ་ལོ་དཀར་པོ་འདི་དག་མཐོང་ནས།  ང་རང་ཕ་ཡུལ་ན་ཡོད་དུས་གཞོན་ཉམས་ཆེ་བའི་ཨ་མ་དང་ཨ་ཕ་གཉིས་ཀྱི་གཟུགས་རིས་དེ་ཡང་ཡང་མིག་ལམ་དུ་འཆར།  སྟོན་པ་ཐུགས་རྗེ་ཅན་གྱིས།  ཤ་འདུས་བྱས་ཐམས་ཅད་མི་རྟག་པའོ་ཞེས་པའི་གསུང་གི་བདུད་རྩིའི་བྲོ་བ་དེ་ཅི་ཙམ་སྤྱད་ཀྱང་རྫོགས་མཐའ་བྲལ་བའི་སྣང་བ་ཞིག་སྐྱེ་ཡོང་།       ལོ་ཤས་སྔོན་ཨ་ཕའི་འཇིག་རྟེན་ཕྱི་མའི་མགྲོན་དུ་ཆས་པའི་ཡི་གེ་དེ་འབྱོར་བ་དང་།  དེ་རིང་ཡང་ཨ མའི་དུང་ལྟར་དཀར་བའི་དབུ་སྐྲ་ལན་བུ་འདི་དག་མཐོང་བའི་རྐྱེན་གྱིས།  ང་རང་ཕ་ཡུལ་ཙོང་ཁ་བདེ་ཁ
00:00 / 01:19
连播
清屏
智能
倍速
点赞32
00:00 / 00:28
连播
清屏
智能
倍速
点赞585
00:00 / 02:37
连播
清屏
智能
倍速
点赞58
00:00 / 00:53
连播
清屏
智能
倍速
点赞1